Himalayan Art Resources

Tibetan: Introduction Page

Tibetan Introduction Page | Tibetan Home Page

མཚན་ཉིད། ཧི་མ་ལ་ཡའི་ལུགས་ཀྱི་སྒྱུ་རྩལ།

ཧི་མ་ལ་ཡའི་ལུགས་ཀྱི་སྒྱུ་རྩལ་འདི་གཙོ་ཆེ་བོད་དང་བལ་ཡུལ། ཀཤ་མཱིར་བཅས་ཀྱི་སྒྱུ་རྩལ་ཞིག་དང་དེ་བཞིན་ཡུལ་ལུང་དེ་དག་གི་རིག་ཞུང་ཤུགས་རྐྱེན་ཐེབས་པའི་ས་ཁུལ་ཁག་ནས་བྱུང་བའི་སྒྱུ་རྩལ་ཞིག་ཡིན། ཐོག་མའི་སྐབས་སུ་སྒྱུ་རྩལ་འདི་དག་ཆོས་ཕྱོགས་ཀྱི་ལས་དོན་དང་འབྲེལ་བ་ཆེ་ན་ཡང་། ཕྱིས་སུ་དེའི་གྲུབ་ཆ་དང་རྟགས། བཟོ་བཀོད་བཅས་བེད་སྤྱོད་བྱེད་སྟངས་ཀྱི་ཐོག་གྲགས་ཆེ་རུ་ཕྱིན། གང་ཟག་སྒེར་སོ་སོའི་ལག་བཟོའི་ལས་རིགས་དེ་དག་ཀྱང་ཐུན་མོང་ཕྱོགས་གཅིག་ཏུ་བསྡོམས་ཏེ་གཞི་རྒྱ་ཆེ་རུ་བཏང་ཡོད་པ་ཞིག་ཡིན།

ཧི་མ་ལ་ཡའི་ལུགས་ཀྱི་སྒྱུ་རྩལ་གྱི་ས་ཁྱོན་བཀོད་པ་ནི།

ཧི་མ་ལ་ཡ་ས་ཁུལ་བོད་དང་བལ་ཡུལ། ཀཤ་མཱིར། འབྲུག། པ་ཀི་སི་ཏན་དང་རྒྱ་གར་གྱི་བྱང་གི་མཐའ་བཅས་སུ་ཡོད། གཞན་ཡང་བོད་ཀྱི་ཤར་དང་བྱང་ཕྱོགས་སུ་གནས་པའི་ཉེ་འཁོར་གྱི་ས་ཁུལ་རྒྱ་ནག་དང་སོག་པོ། ལྷོ་ས་ཡི་བེ་རི་ཡ། ཏུ་ཝ། བྷུ་རི་ཡཏ་དང་བྱང་འབར་མ་བཅས་སུ་ཧི་མ་ལ་ཡའི་ལུགས་ཀྱི་སྒྱུ་རྩལ་རིགས་ཐོབ་ཐུབ་ཀྱི་ཡོད། དམིགས་བསལ་གྱིས་རྒྱ་ནག་གི་ས་ཁུལ་གང་སར་དུ་ཐོབ་པ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རིང་བསྲེལ་ལྡན་པའི་རི་བོ་དང་ཧི་མ་ལ་ཡའི་ལུགས་ཀྱི་མཆོད་རྟེན་གནས་ཡོད། དེ་བཞིན་ཡོན་དུས་སྐབས་ནས་བྱུང་བའི་ཧི་མ་ལ་ཡའི་སྒྱུ་རྩལ་མང་པོ་ཞིག་པེ་སི་ཕིག་རྒྱ་མཚོའི་ངོས་ཕྱོགས་ཀྱི་གྲོང་ཁྱེར་ཤང་ཧ་ཡི་ལྷོ་ཕྱོགས་ཧང་ཀྲོའུ་ལ་སོགས་པའི་ས་ཆའི་ནང་དུའང་རྙེད་ཐུབ་པ་ཡིན།

ཆོས་ལུགས།

ཧི་མ་ལ་ཡའི་ལུགས་ཀྱི་སྒྱུ་རྩལ་རི་མོ་ནི་བོད་དང་བལ་ཡུལ། ཀཤ་མཱིར་ལ་སོགས་པའི་ཡུལ་ལུང་གི་ཆོས་ལུགས་ལེགས་སྦྱང་གི་ཁྱད་ཆོས་མཚོན་པ་དང་། དེ་ཡང་སྤྱིར་རྩ་ཆེན་ཆོས་ལུགས་ཀྱི་རང་བཞིན་དུ་བྲིས་བ་ལྷག་པར་དུ་ནང་པ་དང་ཧིན་དྷུ། བོན། རུ་སྡེ་རིགས་ཀྱི་ལུགས་ལྟར་བྲིས་སྲོལ་ཡོད།

སྒྱུ་རྩལ་རང་བཞིན་གྱི་རྣམ་པ།

ཧི་མ་ལ་ཡའི་སྒྱུ་རྩལ་རི་མོ་ནི། དེའི་གྲུབ་ཆ་དང་རྟགས། བཟོ་བཀོད་བཅས་ལས་གསལ་པོར་ཤེས་ཐུབ་རྒྱུ་ནི།

སྤྱིར་ཁྱིམ་མཚེས་ཡུལ་ལུང་ཁག་གི་སྒྱུ་རྩལ་མཁན་དང་རིག་གཞུང་བརྗེ་ལེན་ལས་བྱུང་བ་དང་། བྱེ་བྲག་ཏུ་ཧི་མ་ལ་ཡའི་སྒྱུ་རྩལ་རི་མོའི་ཁྱད་ཆོས་ཞིག་ཡིན་པར་མངོན། ཧི་མ་ལ་ཡའི་སྒྱུ་རྩལ་གྱི་བྲིས་རིས་དང་བརྐོས་རིས་སྡེ་ཚན་རྣམས་དམིགས་གསལ་ཅན་ཞིག་དང་། སྒྱུ་རྩལ་གྱི་དངོས་པོ་མང་པོ་བཟོ་བསྐྲུན་གྱིས། གཞི་རྒྱ་ཆེ་བ་དང་བྱེ་བྲག་གི་བཟོ་ལས་རིགས་ཀྱང་དེ་བཞིན་འགྱུར་རྒྱུ་ངེས་པ་རེད།།

བསྒྲུབ་བྱའི་དོན་གནད།

ཧི་མ་ལ་ཡའི་སྒྱུ་རྩལ་རིག་མཛོད༼ཧར༽ ཀྱི་དྲ་རྒྱའི་བསྒྲུབ་བྱ་གཙོ་དོན་ནི་ཁྱབ་ཆེ་བའི་ཤེས་ཡོན་དང་ཉམས་ཞིབ་ལས་གཞིའི་རེའུ་མིག། ཧི་མ་ལ་ཡའི་སྒྱུ་རྩལ་གྱི་དངོས་མང་སྟབས་བདེ་བོར་གཟིགས་ཆེད་དུ་ཡིན།

དང་པོ། དྲ་རྒྱ་རྒྱུད་འཛམ་གླིང་ཡོངས་ཀྱི་འབྲེལ་ཡོད་འགྲེམས་སྟོན་ཁང་དང་མཐོ་རིམ་སློབ་གཉེར་ཁང་

དང་། སྒེར་གྱིས་གཅེས་གསོག་བྱས་པའི་སྣང་བརྙན་རྣམས་འགྲེམས་སྟོན་བྱེད་ཆེད་དང་།

གཉིས་པ། དུས་འདས་པ་དང་ད་ལྟའི་བར་ཧི་མ་ལ་ཡའི་སྒྱུ་རྩལ་དངོས་པོ་རྣམས་གཅེས་གསོག་དང་པར་

འགྲེམས་ཟིན་པ་རྣམས་ཡིག་ཆའི་རྒྱུད་དྲ་རྒྱའི་ནང་འགྲེམས་སྟོན་བྱེད་རྒྱུ་དང་།

གསུམ་པ། ལས་གཞིའི་རེའུ་མིག་རྒྱུད་སྣང་བརྙན་རི་མོ་དང་བརྐོས་རིས། ཆོ་གའི་དངོས་པོ། ལྡེབས་རིས་

ལ་སོགས་ངོས་འཛིན་ཆོད་ཐུབ་པ་རྣམས་དཀར་ཆག་ཏུ་བཀོད་ཡོད། གལ་ཏེ་པར་དབང་གི་རྐྱེན་

པས་སྣང་བརྙན་གཟིགས་མ་ཐུབ་པ་བྱུང་ཚེ། ལས་གཞིའི་རེའུ་མིག་གི་བྱང་བུའི་སྣང་བརྙན་

གཟིགས་ཐུབ་པ་བཟོས་ཡོད། གླེགས་ཤིང་ལས་གྲུབ་པའི་སྣང་བརྙན་རྣམས་པར་འགྲེམས་དང་།

སྤྱིར་སྟངས་ཀྱི་སྣང་བརྙན་རྣམས་གཅེས་གསོག་གི་ཆེད་དུ་ཡིན།

སྣང་བརྙན་འབུལ་ལམ་ཞུ་བ།

ཧི་མ་ལ་ཡའི་སྒྱུ་རྩལ་གཅེས་གསོག་གནང་མཁན་གྱི་སྒེར་དང་འགྲེམས་སྟོན་ཁང་། སློབ་གཉེར་ཁང་བཅས་ལ་དཀར་ཆག་ ཏུ་འགོད་རྒྱུ་དང་འགྲེམས་སྟོན་བྱེད་ཆེད་ དུ་སྣང་བརྙན་འབུལ་རྒྱུ་འབོད་བསྐུལ་ དང་།

སྣང་བརྙན་འབུལ་སྐབས་སུ་ཨང་གྲངས་བཀོད་པའི་སྣང་བརྙན་དང་། ཆེ་ཆུང་ཆ་ཚད་ ༢༠༠ ནས་ ༡༠༠༠ བར་འདེམས་ཀ་བྱས་ཏེ་ཨེེ་མཻལ་ལམ་ཟེར་སྡེར་(CD)རྒྱུད་ནས་འབུལ་གནང་ཡོང་བ་དང་། དེའི་ཐོག་དངོས་པོའམ་སྣང་བརྙན་བདག་དབང་གི་ཁག་ཐེག་ཡི་གེ་ཟུང་དུ་འབུལ་གནང་ཡོང་བ་ཞུ།

པར་དབང་གི་གནས་ཚུལ།

དངོས་རྫས་དང་ནང་དོན། ཧི་མ་ལ་ཡའི་སྒྱུ་རྩལ་རིག་མཛོད་ཀྱི་དྲྭ་རྒྱའི་ནང་དམངས་ཀྱི་ཤེས་རིག་ཐོན་ཁུངས་ཆེད། ཡིག་ཆ་དང་བྲིས་ཆའི་སྣང་བརྙན་ཐོབ་སླ་པོར་བཟོ་ཡོད་ན། ཧི་མ་ལ་ཡའི་སྒྱུ་རྩ་རིག་མཛོད་དེ་ཁྲིམ་མཐུན་གཞིར་ ( 501cཁེ་ལས་མིན་པའི་ཚོགས་པ) མིང་ཐོག་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་རེད། ཧི་མ་ལ་ཡའི་སྒྱུ་རྩལ་རིག་མཛོད་ཀྱི་རྒྱུ་ནོར་ཡིན་པས་དམིགས་བསལ་གསལ་བསྒྲགས་བྱེད་ཡོད་ན་མ་གཏོགས་དེ་མིན་པར་དབང་གི་ལས་གཞིའི་འོག་ཡོད། དྲྭ་རྒྱའི་ནང་གི་སྣང་བརྙན་དང་ཡིག་གཞི། ཪེའུ་མིག་དང་མཚོན་རྟགས་ལ་སོགས་སྒེར་གྱི་ཁེ་ལས་ཆེད་འདྲ་བཤུ་དང་འགྲེམ་སྤེལ་རིགས་བྱེད་མི་ཆོག། ཡང་དེ་མིན་ཤེས་ཡོན་དང་སྒེར། ཚོང་ལས་མིན་པ་དག་ལ་ (ཨ་རི་པར་དབང་གི་ཁྲིམས་གཞི་ལྟར་བེད་སྤྱོད་བྱེད་ཕྱོགས་ཀྱི་ཆོག་མཆན་ཡོད། སྒེར་རམ་ཚོགས་པ་སུ་འདྲ་ཞིག་གིས་ཧར་དྲྭ་རྒྱའི་ནང་གི་སྣང་བརྙན་ནམ་ཡིག་གཞི་ལ་སོགས་པར་བཤུས་དང་ཕབ་ལེན་རིགས་བྱེད་ན།

༡ འབྲེལ་ཡོད་དངོས་པོ་བེད་སྤྱོད་བྱེད་ཕྱོགས་ཀྱི་ཚད་དང་བཀའ་ཤོག་ཡི་གེ་ནང་འཁོད་གནས་དོན་རྟོགས་

པར་མཚོན།

༢ ཁྲིམས་མི་རྩི་བ་དང་ཁྲིམས་བརྒལ་རིགས་མི་བྱ་རྒྱུ་ཅེས་མཚོན།

ཧི་མ་ལ་ཡའི་སྒྱུ་རྩལ་རིག་མཛོད་དྲྭ་རྒྱའི་སྣང་བརྙན་རྣམས་ཨང་གྲངས་རྗེས་འབྲེལ་དང་ཆེད་ལས་ཐོག་པར་མཛོད་ནང་བཞག་མེད། དེ་མིན་ཧི་མ་ལ་ཡའི་སྒྱུ་རྩལ་རིག་མཛོད་ཀྱི་དབང་བའི་སྣང་བརྙན་གཅིག་ཀྱང་མེད། ཧི་མ་ལ་ཡའི་སྒྱུ་རྩལ་རིག་མཛོད་དྲྭ་རྒྱའི་ནང་སྣང་བརྙན་དཀར་ཆག་ཏུ་འགོད་པ་རྣམས་སློབ་གཉེར་ཁང་དང་སྒེར། འགྲེམས་སྟོན་ཁང་བཅས་ནས་གཡར་བའི་གཅེས་གསོག་དངོས་པོ་ཤ་སྟག་ཡིན།


‘དེབ་སྐྱེལ་བྱེད།

མྱུར་མགྱོགས་དེབ་སྐྱེལ་གནང་ནས་དྲྭ་རྒྱའི་ནང་གི་གནས་ཚུལ་གསར་པ་ཤེས་རྟོགས་ཆེད་དང་ལྷག་པར་དུ་བཀའ་སློབ་བསམ་འཆར་ཆེད་གཤམ་གསལ་ཁ་བྱང་རྒྱུད་སྩལ་གནང་ཡོང་བ་ཞུ།

[1-2018]